ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་ཆར་བལ་ཡུལ་གྱི་མི་མང་གིས་གྲོས་ཚོགས་འཐུས་མི་འོས་འདེམས་བྱས་པའི་གྲུབ་འབྲས་ལ་གཞིགས་ན། འདས་པའི་ལོ་མང་རིང་གི་རྒྱལ་ལྡན་རིང་ལུགས་དེ་མེད་པར་བཟོས་ཏེ། དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས་དམར་ཤོག་མའོའི་ ལྟ་སྤྱོད་རིང་ལུགས་པ་རྣམས་སྲིད་དོན་ཚོགས་པའི་ནང་་འཛུལ་ཞུགས་བྱས་ཏེ་ ད་བར་གཞུང་འཛིན་བྱས་ཡོད་པ་རེད། འོན་ཀྱང་འདས་པའ་ལོ་མང་རིང་འཛིན་སྐྱོང་གི་ལས་དོན་ཁག་ལ་མི་མང་འདོད་བློ་ཁེངས་མེད་བའི་རྣམ་པ་དེ་འོས་བསྡུའི་ལམ་ནས་གསལ་སྟོན་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨ་ནུ་པན་ཏྲེ་གྱིས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG