ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱི་ཆབ་སྲིད།


ལོ་བཞིའི་སྔོན་ལ་བལ་ཡུལ་གྱི་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་ཚོས་དམར་ཤོག་གི་གྱེན་ལངས་བྱེད་རྒྱུ་མཇུག་སྒྲིལ་ཞིང་། བལ་ཡུལ་ལ་གྲོས་ཚོགས་འཐུས་མི་འོས་འདེམས་བྱས་པའི་རྗེས་སུ་རྒྱལ་ཁབ་དེར་དམངས་གཙོའི་རྩ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱེད་པར་ཟིན་བྲིས་འདེབས་རྒྱུ་མགོ་བརྩམས་ཏེ། བལ་ཡུལ་མི་མང་གིས་ཀྱང་དེ་ལ་རེ་བ་ཆེན་པོ་བཅིངས་མོད། ཡིན་ནའང་ད་བར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ཆུང་ཆུང་དེའི་སྲིད་དོན་ཚོགས་པ་ཁག་གིས་དམངས་གཙོའི་རྩ་ཁྲིམས་གསར་བཟོ་དང་རྒྱལ་ཁབ་ལ་སྲིད་གཞུང་བརྟན་པོ་ཞིག་ཚུགས་ཐབས་བཅས་ལ་གཅིག་སྒྲིལ་མ་ཡོང་བར་རྩོད་གླེང་བྱུང་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཨན་ཇི་ཎ་པ་སི་རི་ཆས་ལྡི་ལི་གསར་པ་ནས་སྤེལ་པའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG