ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་མི་རྣམས་ཉིན་གསུམ་ནང་ཕྱིར་ལོག་བྱེད་དགོས་བཙན་བཀའ་བཏང་བ།


བལ་ཡུལ་གྱིས་ཉེ་དུས་བོད་ནས་ཡོང་མཁན་བོད་མི་༢༠༧འཛིན་བཟུང་བྱས་ཡོད་པ་རྣམས་ཉི་མ་གསུམ་གྱི་ནང་ཚུད་བོད་ལ་ཕྱིར་ལོག་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། དོ་དམ་བཀག་ཉར་འོག་ཡོད་པའི་བོད་མི་དེ་རྣམས་ཉེ་དུས་བོད་ཀྱི་ས་མཚམས་ཐཱན་ཀོར་བརྒྱུད་བལ་ཡུལ་ནང་འཛུལ་ཞུགས་བྱེད་པའི་སྐབས་བལ་པོའི་ས་མཚམས་ཀྱི་དམག་མིས་འཇུ་བཟུང་བྱས་ཡོད་པ་སོགས་ཀྱི་སྐོར་ལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་གནང་གི་རེད།

XS
SM
MD
LG