ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བལ་ཡུལ་གཞུང་གིས་བོད་པ་སྐྱབས་བཅོལ་བའི་འགོ་ཁྲིད་ཚོ་འཛིན་བཟུང་།


བལ་ཡུལ་གཞུང་གིས་བོད་པ་སྐྱབས་བཅོལ་བའི་འགོ་ཁྲིད་ཚོ་འཛིན་བཟུང་།
བལ་ཡུལ་གཞུང་གིས་བོད་པ་སྐྱབས་བཅོལ་བའི་འགོ་ཁྲིད་ཚོ་འཛིན་བཟུང་།

ཉེ་དུས་ཤིག་ནས་བོད་ནང་ལོགས་སུ་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་ཕྱི་ལོགས་ཀྱི་རྒྱ་གར་དང་བལ་ཡུལ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་གང་སར་གཞིས་ལུས་མི་མང་གི་ངོ་རྒོལ་ལས་འགུལ་དེར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱས་ཏེ། ཁོང་ཚོས་ཟད་བཅད་ངོ་རྒོལ་དང་མར་མེ་ཁྲོམ་སྐོར། རྒྱ་ནག་གཞུང་ཚབ་ཁང་དེ་དག་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱེད་པ་སོགས་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་གྱི་ཡོད་པ་དང་། གཟའ་འཁོར་འདིར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བོད་པ་བཙན་བྱོལ་བ་ཚོས་ངོ་རྒོལ་ལས་འགུལ་ཆེན་པོ་ཞིག་མགོ་འཛུགས་འཆར་ཡོད་ཀྱང་། བལ་ཡུལ་གཞུང་གིས་རྒྱལ་ས་ཀཋ་མན་ཀྲུ་གྲོང་ཁྱེར་གྱི་བོད་པ་སྐྱབས་བཅོལ་བའི་ས་གནས་བདེ་དོན་ལྷན་ཁང་གི་འགོ་ཁྲིད་འཕྲིན་ལས་བླ་མ་དང་། ས་གནས་བདེ་དོན་ལྷན་ཁང་གི་འགོ་ཁྲིད་ཟུར་པ་འཕྲིན་ལས་རྒྱ་མཚོ་གཉིས་འཛིན་བཟུང་བྱས་ཏེ། ཁོང་ཚོར་བལ་ཡུལ་གྱི་ཉེན་རྟོག་པས་ཆབ་སྲིད་ཀྱི་ལས་འགུལ་ཅི་ཞིག་སྤེལ་འཆར་ཡོད་མེད་འདྲི་རྩད་བྱེད་ཀྱི་ཡོད་པ་དང་། ད་དུང་བལ་ཡུལ་གཞུང་གིས་བོད་པ་སྐྱབས་བཅོལ་བའི་བདེ་དོན་ལྷན་ཁང་གི་འགོ་ཁྲིད་གཉིས་ནམ་གློད་གྲོལ་གཏོང་རྒྱུ་ཡིན་མིན་གསལ་བོ་མེད་པ་རེད།

XS
SM
MD
LG