ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཚོགས།


དེ་རིང་གཟའ་མིག་དམར་གྱི་ཉིན་མོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཙོས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ལྷན་འཛོམས་ཀྱིས་སྒྲིག་འཛུགས་དེ་བཙུགས་ནས་ལོ་༧༠་འཁོར་བའི་དུས་དྲན་ལ་ཉིན་གཉིས་ཀྱི་ལྷན་ཚོགས་ཤིག་འཚོགས་བཞིན་ཡོད་པ་རེད། ད་རེས་ཀྱི་དུས་དྲན་དང་བསྟུན་ནས་སྒྲིག་འཛུགས་དེའི་ནང་ཁུལ་གྱི་དཀའ་རྙོག་ཁག་དང་རྒྱ་ནག་གི་སྟོབས་ཤུགས་རྒྱས་བཞིན་པར་གདོང་ལེན་བྱེད་ཕྱོགས་སོགས་གནད་དོན་ཁག་ལ་བཀའ་སྡུར་གནང་རྒྱུ་ཡིན་ཞིང་། སྲིད་འཛིན་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་ཕར་སྣོན་མ་བཏང་ཚེ། ཨ་རི་སྒྲིག་འཛུགས་དེའི་ཁོངས་ནས་ཕྱིར་འཐེན་བྱ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་སོགས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG