ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷར་མས་རྗས་འགྱུར་མཚོན་ཆའི་སྐོར་གནས་ཚུལ་སྤེལ་མཁན་གསར་འགོད་པ་བཀག་ཉར།


བྷར་མའི་གཞུང་གིས་ཡུལ་གྱི་དམག་སྒར་ཞིག་ཏུ་རྗས་འགྱུར་གྱི་མཚོན་ཆ་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་འདོན་སྤེལ་བྱེད་མཁན་གསར་ཤོག་གི་གསར་འགོད་པ་འགའ་ཤས་ཤིག་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཐོན་པ་དང་ ཕྱོགས་མཚུངས་གསར་འགོད་རང་དབང་རྟོག་ཞིབ་ཚོས་པ་ཡུལ་དེའི་ནང་གསར་འགོད་རང་དབང་ལ་དམ་དྲག་བྱེད་ཀྱི་མེད་དམ་སྙམ་པའི་དོགས་པ་བྱེད་ཀྱི་ཡོད་འདུག་བཆས་ཀྱི་སྐོར། འདིའི་ཐོག་ས་གནས་ཀྱི་གསར་ཤོག་དང་དེ་བཞིན་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG