ངོ་འཕྲད་བདེ་བའི་དྲ་འབྲེལ།

མི་མང་དུས་དབང་ལ་ཕྱིན་ཏེ་རྡ་ས་ལུང་སྟོང་ལྟ་བུར་གྱུར།


རྒྱ་གར་བྱང་ཕྱོགས་ཀྱི་བཞུགས་སྒར་རྡ་རམ་ས་ལ་ནི་བོད་ཀྱི་རྒྱལ་ས་གཉིས་པ་ལྟ་བུ་ཞིག་ཡིན་ཞིང་། འདས་པའི་ལོ་ངོ་༥༠་ལྷག་ཙམ་ལ་གྲོང་རྡལ་དེ་༧གོང་ས་མཆོག་གི་ཕོ་བྲང་དང་བཙན་བྱོལ་བོད་གཞུང་གི་བསྟི་གནས་ཡིན་པ་མ་ཟད། དུས་རྒྱུན་བོད་པ་བཙན་བྱོལ་བ་དང་ཕྱི་ནང་གི་མི་རིགས་སྣ་མང་ཞིག་འདུ་སྡོད་བྱེད་སའི་གྲོང་རྡལ་ཧ་ཅང་འཁྲུག་ཆ་དོད་ས་ཞིག་ཡིན་རུང་། ད་ལྟ་རྡ་རམ་ས་ལའི་བོད་པ་ཕལ མོ་ཆེ་གནས་མཆོག་རྡོ་རྗེ་གདན་ལ་དུས་འཁོར་དབང་ཆེན་ཞུ་བར་སོང་བར་བརྟེན། རྡ་རམ་ས་ལར་བོད་པ་མཐོང་རྒྱུ་དཀོན་ཅིང་མི་མེད་ལུང་སྟོང་ལྟ་བུ་ཞིག་ལ་གྱུར་ཡོད་པའི་སྐོར། རྡོ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་བཟང་མོས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG