ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

མོར་སི་ལ་རྒྱབ་སྐྱོར་བྱེད་མཁན་དང་ཨི་ཇབ་གྱི་བདེ་འཇགས་མི་རྣམས་འཐབ་འཛིངས།


འདས་པའི་ཉིན་གྲངས་འགའ་ཤས་རིང་ ཨི་ཇབ་ནང་ཞི་བདེ་ལྷིང་འཇགས་བྱུང་ཡོད་རུང་ ཁ་སང་མཚན་དགུང་ ས་གནས་མི་མང་གིས་རྒྱབ་སྐྱོར་བྱས་ཏེ། ཨི་ཇབ་ཀྱི་བདེ་འཇགས་ཉེན་རྟོག་པ་དང་ སྲིད་འཛིན་ཕྱིར་འབུད་བྱས་པ་སྐུ་ཞབས་མོར་སི་ཡི་རྒྱབ་སྐྱོར་བ་རྣམས་འཐབ་འཁྲུག་དྲག་པོ་བྱུང་སྟེ་ ཉུང་མཐར་མི་སྣ་བདུན་ལ་སྲོག་སྐྱོན་དང་༢༦༠ ལྷག་ལ་རྨས་སྐྱོན་བྱུང་ཡོད་པའི་སྐོར་ ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་Edward Yeranian གྱིས་བཏང་བའི་གནས་ཚུལ་དེ་རིག་འཛིན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG