ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དངུལ་ཁང་ཁག་གིས་བུ་ལོན་གཏང་རྒྱུ་ཚོད་འཛིན།།


རྒྱ་ནག་གི་དངུལ་ཁང་ཁག་གིས་བུ་ལོན་གཏང་རྒྱུའི་མ་རྩ་གསུམ་ཆའི་གཅིག་ལོ་འཁོར་གཅིག་གི་ཟླ་བ་དང་པོ་ནས་གསུམ་པ་བར་དུ་གཏོང་སྲོལ་ཡོད་རུང་། དེང་སྐབས་རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཁྲོམ་རའི་དངོས་ཟོག་གི་རིན་གོང་འཕར་གྱི་ཡོད་པ་ཚོད་འཛིན་བྱ་ཐབས་སུ་་དངུལ་ཁང་ཁག་གིས་ཀྱང་དངུལ་སྒོར་གྱི་འཁོར་རྒྱུག་དེ་ཉིད་ཚད་གཞི་ཡོད་པ་ཞིག་བྱེད་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། རྒྱ་ནག་གི་ནོར་སྲིད་ཉམས་ཞིབ་པ་ཚོས་དངུལ་ཁང་གིས་སྔར་བཞིན་ཚོད་འཛིན་མེད་པར་དངུལ་སྒོར་བུ་ལོན་གཏོང་རྒྱུ་དེ་ཉེན་ཀ་ཞིག་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད།།

XS
SM
MD
LG