ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སེར་ཤུལ་རྫོང་དབོན་པོ་དགོན་པའི་ནང་མུ་མཐུད་ནས་དགེ་འདུན་པ་འཛིན་བཟུང་བྱེད་བཞིན་པ།


བོད་མདོ་ཁམས་སེར་ཤུལ་རྫོང་གི་དབོན་པོ་དགོན་པའི་ནང་སླར་ཡང་དགེ་འདུན་པ་༡༡་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་སེར་ཤུལ་རྫོང་ནང་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁམས་ཁུལ་གྱི་ས་ཆ་་སྦྲ་སོག་འབྲས་གསུམ་ཟེར་བའི་ས་ཁུལ་དང་་དེ་བཞིན་མདོ་སྨད་ཨ་མདོའི་ཕྱོགས་ཀྱི་གྲྭ་པ་ཁག་ཅིག་ཕྱེར་འབུད་གཏོང་བཞིན་ཡོད་པ་རེད། དེའི་སྐོར་གསར་འགྱུར་ཁག་ནང་ཐོན་པའི་གནས་ཚུལ་ཞིག་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིག་དང་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པ་ཞིག་གནང་གི་རེད།
XS
SM
MD
LG