ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གི་ཎིའུ་ཨོར་ལིན་གྱི་ཆིབས་སྒྱུར་ལ་གྲ་སྒྲིག


དེང་སྐབས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེ་ཁག་ལྔར་རིམ་བཞིན་ཆིབས་སྒྱུར་བསྐྱངས་ནས་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེན་ཞིག་བསྐྱངས་དང་སྐྱོང་བཞིན་ཡོད་ཅིང་། ད་ལྟ་༧གོང་ས་མཆོག་ཎིའུ་ཨོར་ལིན་ལ་ཆིབས་སྒྱུར་མ་གནང་གོང་དུ་རྒྱ་གར་ལྷོ་ཕྱོགས་སུ་གཞིས་ཆགས་པའི་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་ དགེ་འདུན་པ་ཁག་ཅིག་གིས་དཀྱིལ་འཁོར་བཞེངས་ནས་༧གོང་ས་མཆོག་གི་ཎིའུ་ཨོར་ལིན་གྱི་ཆིབས་སྒྱུར་དེར་གྲ་སྒྲིག་གནང་གི་ཡོད་པའི་སྐོར། འདི་གའི་ལས་བྱེད་པ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་འབྲས་སྤུངས་ བློ་གླིང་གྲྭ་ཚང་གི་དགེ་བཤེས་ཚེ་རིང་དོན་གྲུབ་ལགས་སུ་གནས་འདྲི་ཞུས་པ་ དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG