ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གི་སྐུ་དཔར་སྒྲིག་གཤོམས་ཆོག་པའི་ཆོག་མཆན་སྤྲད་པ་དངོས་འབྲེལ་ཡིན་མིན།


བོད་ས་ཁྱོན་ཡོངས་ཀྱི་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་ཚུན་ཆད་ཀྱང་སྒྲིག་གཤོམས་བྱེད་མི་ཆོག་པའི་དམ་དྲག་བྱས་ཏེ་ལོ་བཅུ་ཕྲག་གཉིས་མིན་ཙམ་ཞིག་སོང་བའི་རྗེས་སུ་ ད་ཆ་རྒྱ་ནག་གཞུང་གིས་དམ་དྲག་གི་སྲིད་བྱུས་དེ་ལ་འགྱུར་བ་བཏང་ཡོད་མིན་ བོད་ཀྱི་རྒྱལ་ས་ལྷ་སའི་དགའ་ལྡན་དགོན་པའི་ནང་དུའང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་སྒྲིག་གཤོམས་བྱས་ན་འགྲིགས་འཐུས་ཀྱི་ཆོག་མཆན་སྤྲད་ཡོད་པ་དངོས་འབྲེལ་གྱི་གནས་ཚུལ་ཡིན་མིན་ དབྱིན་ཡུལ་དུ་རྟེན་གཞི་བྱེད་པའི་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་ཡོད་པ་བཅས་ཀྱི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG