ངོ་འཕྲད་བདེ་བའི་དྲ་འབྲེལ།

དཀར་མཛེས་དགོན་པའི་གྲ་བ་ཞིག་གིས་རང་ལུས་མེར་སྲེག


དཀར་མཛེས་དགོན་པའི་གྲ་བ་ཞིག་གིས་རང་ལུས་མེར་སྲེག

ད་རིང་ཕྱི་ཟླ་༡༠་ཚེས་༢༥་ཉིན་བོད་ཀྱི་མདོ་ཁམས་ས་ཁུལ་དུ་ཡོད་པའི་དཀར་མཛེས་དགོན་པའི་གྲྭ་བ་ཟླ་བ་ཚེ་རིང་གིས་སྔ་དྲོའི་ཆུ་ཚོད་༩་དང་སྐར་མ་༣༠་ཡས་མས་སུ་རང་ལུས་མེར་སྲེག་བཏང་སྟེ། ཁོང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས་པ་དང་། འདས་པའི་དུས་རབས་ཕྱེད་ཀ་ལྷག་ལ་བོད་པ་ཚོ་གཞིས་བྱེས་གཉིས་སུ་ཁ་ཐོར་ཡོད་པ་ལྷན་འཛོམས་ཡོང་དུ་འཇུག་དགོས་ཞེས་སྐད་འབོད་བྱས་པའི་གནས་ཚུལ་ཐོན་ཞིང་། ཕྱི་ལོ་༢༠༠༨་ཀྱི་ཞི་རྒོལ་རྗེས་སུ་རྒྱ་ནག་གཞུང་གིས་དཀར་མཛེས་དགོན་པར་དྲག་ཆས་ཉེན་རྟོག་པ་འགྲེམ་འཇོག་བྱས་ནས་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། སྐུ་ཞབས་ཟླ་བ་ཚེ་རིང་གིས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱས་པའི་སྐབས་སུ་དགོན་པའི་ཉེ་འཁོར་དུ་འགྲེམ་འཇོག་བྱེད་ཡོད་པའི་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་ཚོ་འཕྲལ་དུ་ཡོང་སྟེ་རང་ལོ་༣༨་ལ་སོན་པའི་གྲྭ་བ་ཟླ་བ་ཚེ་རིང་གི་ལུས་པོའི་ཐོག་ཏུ་འབར་བཞིན་ཡོད་པའི་མེ་བསད་པ་དང་ཁོང་སྨན་ཁང་ལ་སྨན་བཅོས་བྱེད་དུ་བཙན་ཁྲིད་བྱས་ཀྱང་། སྐུ་ཞབས་ཟླ་བ་ཚེ་རིང་གི་དགོན་པའི་གྲྭ་དམངས་ལ་ང་སྨོན་བཅོས་བྱེད་དུ་ཁྲིད་མ་བཅུག་ཅེས་འབོད་སྐུལ་ཞུས་ཏེ། ད་ལྟ་དཀར་མཛེས་དགོན་པའི་གྲྭ་དམངས་ཀྱིས་སྐུ་ཞབས་ཟླ་བ་ཚེ་རིང་སྨན་བཅོས་བྱེད་དུ་ཁྲིད་བཅུག་མེད་པ་དང་། རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པས་དཀར་མཛེས་དགོན་པ་མཐའ་སྐོར་ནས་ས་གནས་དེའི་གནས་སྟངས་ཧ་ཅང་ཛ་དྲག་ཅན་ཞིག་ལ་གྱུར་ཡོད་པ་རེད།

XS
SM
MD
LG