ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞི་རྒོལ་བ་དགེ་འདུན་པ་ཞིག་འཛིན་བཟུང་།


གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་ལོ་ན་༢༠་ཐམ་པར་སོན་པའི་དགེ་འདུན་པ་ཤེར་སྐྱབས་ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་ཞི་བའི་སྒོ་ནས་ངོ་རྒོལ་སྐད་འབོད་དང་ཡིག་ཆ་བཀྲམ་པའི་སྐབས་སུ་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ནས་ཁོང་བཙན་ཁྲིད་བྱེད་འདུག་ཅིང་། དེའི་རྗེས་སུ་གསེར་རྟ་རྫོང་ཡོངས་ཀྱི་ཁ་པར་དང་དྲ་ལམ་གྱི་བརྡ་རྟགས་སོགས་བཀག་སྡོམ་བྱས་ཡོད་པས། ད་ལྟ་དགེ་འདུན་པ་ཤེར་སྐྱབས་ལགས་ཀྱི་གནས་སྟངས་ཅི་ཡིན་ཤེས་རྟོགས་དཀའ་བ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཕྱི་ལོགས་ནས་བོད་ནང་གི་བོད་མི་ཚོའི་གནས་སྟངས་ཁ་གསལ་ཞིག་ཤེས་རྟོགས་ཐུབ་ཀྱི་མེད་པ་ནི་བློ་འཚབ་སྐྱེས་གཞི་ཞིག་ཡིན་ཞེས་བརྗོད་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG