ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

གཟའ་ཟླ་བ་ཉིན་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གཉིས་པ་དེའི་སྐོར་ཁུངས་ལྡན།


ཁ་ས་གཟའ་ཟླ་བའི་ཉིན་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གཉིས་བྱུང་ཡོད་པའི་གྲས་ནས་ཨ་མདོ་རྔ་པའི་ནང་རང་ལུས་མེར་སྲེག་གཏོང་མཁན་དེའི་སྐོར་ལ་དེ་རིང་གསན་ཚུལ་ཁ་གསལ་ཐོན་པ་ལྟར་ན། ཁོང་ནི་རྔ་པ་དྷཱི་ཕུ་དགོན་པའི་གྲྭ་གསང་བདག་ལགས་ཡིན་འདུག ཕྱི་ལོགས་སུ་ཡོངས་གྲགས་གནས་ཚུལ་ཁ་གསལ་ཐོན་པ་ལྟར་ན། ད་བར་བོད་ནང་གི་བོད་མི་རང་ལུས་མེར་བསྲེག་གཏོང་མཁན་༡༠༧་བྱུང་ཟིན་པ་རེད། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཁ་ས་རྔ་པའི་ནང་གི་རང་ལུས་མེར་སྲེག་གཏོང་བའི་གནས་ཚུལ་དེའི་སྐོར་ལ་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པ་ཞིག་གསན་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG