ངོ་འཕྲད་བདེ་བའི་དྲ་འབྲེལ།

མཱོ་མར་གྷ་དྷ་ཧྥི་བསད་པ།


མཱོ་མར་གྷ་དྷ་ཧྥི་བསད་པ།

ད་ལོའི་ཕྱི་ཟླ་༢་ནས་ལི་བི་ཡའི་མི་མང་གིས་མཱོ་མར་གྷ་དྷ་ཧྥིའི་སྲིད་གཞུང་ལ་གྱེན་ལོག་བྱེད་རྒྱུ་འགོ་བཙུགས་པ་དང་། ཟླ་བ་གཉིས་ཀྱི་གོང་དེར་ལི་བི་ཡའི་རྒྱལ་ས་ཊི་རི་ཕོ་ལི་ཡང་གྱེན་ལོག་པའི་དབང་སྒྱུར་འོག་ཏུ་ཤོར་རུང་། མཱོ་མར་གྷ་དྷ་ཧྥི་རང་གི་སྐྱེས་སར་ཊི་ཡུལ་གྲོང་རྡལ་གྱི་ས་གནས་གང་སར་འཇབ་སྐུང་བྱས་ནས་བསྡད་པ་དང་། ད་རིང་ཕྱི་ཟླ་༡༠་ཚེས་༢༠་ཉིན་ལི་བི་ཡའི་གྱེན་ལོག་དམག་དཔུང་གིས་མཱོ་མར་གྷ་དྷ་ཧྥིའི་བཙན་ས་མཐའ་མ་སར་ཊི་གྲོང་རྡལ་ལ་དཔུང་འཇུག་བྱས་ཏེ། ཁོང་རླངས་འཁོར་ཞིག་གི་ནང་དུ་བྲོས་བྱོལ་ལ་འགྲོ་བའི་སྐབས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་གནམ་དམག་གིས་གྷ་དྷ་ཧྥིའི་རླངས་འཁོར་ལ་གཏོར་རྒོལ་བྱས་པ་དང་། མཱོ་མར་གྷ་དྷ་ཧྥིའི་རྐང་པ་གཉིས་ཀར་རྨས་སྐྱོན་ཕོག་ནས་གྱེན་ལོག་དམག་དཔུང་གིས་འཛིན་བཟུང་བྱས་ཀྱང་། ཁོང་གི་མགོ་ལ་ལི་བི་ཡའི་གྱེན་ལོག་དམག་དཔུང་གིས་མེ་མདའ་བརྒྱབ་ནས་བསད་པའི་གནས་ཚུལ་ཐོན་ཡོད་པ་རེད།

XS
SM
MD
LG