ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

གུང་སྔོན་བླ་རིའི་གཏེར་ལས་སྔོན་འགོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་ས་ཆར་ལོ་ངོ་བཅུ་གཉིས་ཀྱི་སྔོན་ནས་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་དང་། ད་ལྟ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེ་རུ་བཏང་སྟེ་ཨ་མཆོག་ཚོ་བ་བརྒྱད་ཀྱི་བླ་རི་གུང་སྔོན་ཞེས་པའི་རི་རྒྱུད་དུ་གཏེར་ཁ་སྔོག་རྒྱུ་མགོ་རྩོམ་བཞིན་ཡོད་ཅིང་། ས་ཁུལ་འདིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་སྣེ་ཁྲིད་ཀྱིས་ཨ་མཆོག་གི་གུང་སྔོན་བླ་རིར་གཏེར་ཁ་སྔོན་འགོག་ཅེས་འཁོད་པའི་འཕྲེད་དར་བཟུང་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་གཏེར་ཁ་སྔོག་འདོན་ལ་འདོད་པ་གཏན་ནས་མེད་པའི་མཚན་རྟགས་བཀོད་པ་མ་ཟད། དེ་རིང་ཕྱི་ཟླ་༥་ཚེས་༣༡་ཉིན་ཨ་མཆོག་གི་སྐྱེས་པ་མང་པོ་གཏེར་ལས་ས་ཆར་འཛོམས་ནས་གཏེར་ལས་མཚམས་འཇོག་བྱ་དགོས་ཞེས་ཁྲིམས་མཐུན་ཞུ་གཏུག་བྱེད་བཞིན་པའི་སྐབས་སུ་རྒྱ་ནག་གི་དམིགས་བསལ་དྲག་ཆས་ཉེན་རྟོག་པ་ཕོན་ཆེན་འབྱོར་ནས་མང་ཚོགས་ཀྱི་མདུན་དུ་ལམ་བཀག་པ་སོགས་ཀྱི་བརྙན་པར་གཙོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་པའི་གནས་ཚུལ་མང་པོ་ཞིག་ཨ་རིའི་རླུང་འཕྲིན་ཁང་ལ་འབྱོར་ཡོད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG