ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ།


རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་༧རྒྱལ་བ་རིན་པོ་དབུ་བཞུགས་ཐོག་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་སྐྱེས་ཁམས་རིག་པ་དང་ ས་ཁམས་རིག་པ། ཚན་རིག་པ་དང་མཁས་དབང་བཅས་མཉམ་འཛོམས་ཀྱིས་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་ཉེར་གསུམ་པ་དེ་འཚོགས་ཀྱིན་ཡོད་པ་དང་། ཚོགས་འདུའི་ཐོག་ས་གོ་ལའི་སྐྱེས་ཁམས་ཁོར་ཡུག་ཚན་རིག་དང་ནང་ཆོས་མཉམ་འབྲེལ་གྱིས་ཞབས་འདེགས་ཇི་ལྟར་སྒྲུབ་དགོས་པའི་ཐད་བགྲོ་གླེང་བྱེད་ཀྱི་ཡོད་པའི་སྐོར་ ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG