ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་རྡ་རམ་སར་སྐུའི་བཞུག་སྒར་ཕོ་བྲང་དུ་དེ་རིང་ཕྱི་ཟླ་བཅུ་པའི་ཚེས་༢༨ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡ བར་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༢༧ པ་དེ་འཚོག་རྒྱུ་ཡིན་པ་དང་ སེམས་དང་སྲོག་གི་བསྟི་གནས་ཁང་ནས་གོ་སྒྲིག་གནང་བའི་བགྲོ་གླེང་དེའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུ་དང་ བརྗོད་གཞི་གཙོ་བོ་ནི་ འདོད་སྲེད་ཆགས་གསུམ་དང་ངན་གོམས་སོགས་དེང་སྐབས་སྤྱི་ཚོགས་ལ་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སྟངས་འཚོལ་ཐབས་ཡིན་པའི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།
XS
SM
MD
LG