ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ལྟའི་ཆར་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་བཞིན་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡི་ལྕམ་མཱེལ་ཤེལ་ཨོ་བྷ་མ་ཡིས་པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་མ་ཚོར་གཏམ་བཤད་སྐབས། རྒྱལ་ཁབ་ཅིག་སྟོབས་འབྱོར་ལྡན་པར་འགྱུར་བའི་ཆ་རྐྱེན་རྩ་ཆེ་ཤོས་ནི་རྒྱལ་འབངས་ལ་སྨྲ་བརྗོད་རང་དབང་སྤྲོད་དགོས་པ་དེ་ཡིན་པ་རེད་ལ་དེ་ནི་འཛམ་གླིང་ཀུན་ཁྱབ་ཀྱི་ཐོབ་ཐང་ཡིན་པར་བརྗོད་འདུག ཡང་ཐཻངས་འདིའི་གཟའ་སྤེན་པ་དང་གཟའ་ཉི་མའི་ཉིན་རྒྱལ་ཁབ་གཉིས་ཕན་ཚུན་གྱི་སློབ་མ་ཚོའི་ཤེས་ཡོན་སློབ་གསོའི་སྐོར་ལྟ་ཚུལ་བརྗེ་རེས་སྐབས་སུ། ལྕམ་ཨོ་བྷ་མ་ཡིས་བརྡ་འཕྲིན་བརྒྱུད་ལམ་ལ་རང་དབང་སྤྲོད་རྒྱུ་ནི་འཛམ་གླིང་ཁྱོན་ཡོངས་ལ་འབྲེལ་ལམ་འཛུགས་སྟངས་གལ་ཆེ་ཤོས་ཡིན་པ་དང་ད་ལྟའི་དུས་རབས་ཀྱི་ཆེས་གལ་ཆེ་བའི་རང་དབང་ཞིག་ཡིན་པར་བརྗོད་ཡོད་པ་རེད། འདིའི་སྐོར་ཚེ་རིང་སྐྱིད་སྙན་སྒྲོན་ཞུ་རྒྱུ་རེད།
XS
SM
MD
LG