ངོ་འཕྲད་བདེ་བའི་དྲ་འབྲེལ།

ནེའུ་ཡོག་ནང་བོད་རྒྱའི་བསམ་ཚུལ་བརྗེ་ལེན་གྱི་ཚོགས་འདུ་འཚོགས་པ།


བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་ཚེས་ཉི་ཤུ་ལྔ་ཉིན་གནས་ཚུལ་སྤེལ་བར་གཞིགས་ན་འདི་ཟླའི་ཚེས་བཅུ་བདུན་ཉིན་རྒྱ་ནག་སྐམ་ས་ནས་ཡིན་པའི་རྒྱ་མི་ཁག་ཅིག་གིས་ཨ་རིའི་གྲོང་ཁྱེར་ཆེན་མོ་ནེའུ་ཡོག་ནང་ཡོད་པའི་བཙན་འབྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་ནང་དོན་གཅོད་ཁང་གི་འབྲེལ་ཡོད་ལས་སྣེ་ཁག་ལྷན་དུ་བོད་དོན་ཐོག་གནས་ཚུལ་ཤེས་རྟོགས་སྔར་བས་གསལ་བ་ཡོང་ཆེད་བསམ་ཚུལ་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་འདུག དེ་ཡང་སྐུ་ཚབ་དོན་གཅོད་ཁང་གི་བོད་རྒྱ་མཛའ་འབྲེལ་འབྲེལ་མཐུད་པ་སྐུ་ཞབས་ཀུན་བཀྲིས་ལེགས་ཀྱིས་བཞུགས་མོལ་ཚོགས་འདུ་དེ་འདྲ་ཞིག་འཚོགས་དགོས་དོན་ནི་སྤྱིར་རྒྱ་ནག་སྐམ་སའི་རྒྱ་རིགས་ཚོར་བོད་ཀྱི་གནས་ཚུལ་སྐོར་རྒྱ་ནག་གཞུང་གིས་གང་བརྗོད་པ་དེ་ལས་ལྷག་པ་ཤེས་རྟོགས་མེད་པར་བརྟེན་བསམ་ཚུལ་བརྗེ་ལེན་གྱི་བཞུགས་མོལ་ཚོགས་འདུ་དེ་ནི་རྒྱ་རིགས་དེ་དག་གིས་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་དང་ལངས་ཕྱོགས་ཁག་ཤེས་རྟོགས་གསལ་པོ་ཡོངརྒྱུའི་དོན་དུ་འཚོགས་པ་ཞིག་རེད་ཅེས་གསུང་གི་འདུག

XS
SM
MD
LG