ངོ་འཕྲད་བདེ་བའི་དྲ་འབྲེལ།

ལི་ཐུ་ནི་ཡའི་མི་མང་རྣམས་ཀྱིས་བོད་ཀྱི་རང་དབང་འཐབ་རྩོད་ལ་དྲན་གསོ།


ཕྱི་ཟླ་༡༢པའི་ཚེས་༡༠འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་ མོར། དུས་དྲན་སྲུང་བརྩི་ཞུ་བའི་སྐབས་སུ། ལི་ཐུ་ནི་ཡའི་མི་རྣམས་ཀྱིས། བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་བརླག་མི་འགྲོ་བ་དང་། བོད་རང་དབང་གི་བདེན་པའི་འཐབ་རྩོད་ཀྱི་ཆེད་དུ། རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་མི་རེ་རེ་བཞིན་གྱི་མིང་བྱང་རྣམས། ཤར་ཡུ་རོབ་ཀྱི་ཡུལ་གྲུ་ལི་ཐུ་ནི་ཡའི་རྒྱལ་སའི་ནང་། བོད་ཀྱི་ཐང་ཆེན་ཞེས་པའི་སྤྱི་གླིང་ཞིག་ཡོད་པའི་ནང་འགྲེམས་འཇོག་བྱས་ཏེ། ཁོང་རྣམས་ལ་རྗེས་དྲན་ཞུ་རྒྱུའི་ཆེད་དུ། བོད་ཐང་སྤྱི་གླིང་དེ་བཞིན་རེ་ཞིག་བང་གསོའི་མཚོན་དོན་ཞིག་ཏུ་བསྒྱུར་ཡོད་པའི་སྐོར་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG