ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཚབས་ཆེའི་རྒོལ་རྡུང་ལ་གྷ་རྡ་ཕི་ཕྱོགས་གཏོགས་ཀྱིས་དགྲ་ལན་ལོག་རྒྱུའི་ཁས་ལེན།


བྱང་ཨེཌ་ལན་ཌིག་ཆིངས་ཡིག་སྒྲག་འཛུགས་ཀྱིས་མཁའ་ཐོག་ནས་རྒོལ་རྡུང་བཏང་སྟེ་ལི་བྷི་ཡའི་་འགོ་ཁྲིད་སྲོག་ཐར་ཙམ་བྱུང་ཡོད་ཀྱང་ བུ་ཆུང་ཤོས་དང་ ཚ་བོ་གསུམ་རྐྱེན་ལམ་དུ་བཏང་ཡོད་ལུགས་ལི་བྷི་ཡའི་སྲིད་གཞུང་གིས་བརྗོད་པའི་རྗེས་རྒྱལ་ས་ཀྲིརི་པོ་ལི་ནང་ཡོད་མོཧ་མར་གྷ་རྡ་ཕི་བཞུགས་གནས་སྒོ་རའི་ནང་མང་ཚོགས་འདུ་འཛོམས་བྱས་ཡོད་པ་དང་ གོང་ཞུས་ཀྱི་གཏོར་རྒོལ་དེ་སུ་ཞིག་ལ་དམིགས་འབེན་བྱས་མེད་པ་བྱང་ཨེཌ་ལན་ཀྲིག་ཆིངས་ཡིག་སྒྲིག་འཛུགས་ཀྱིས་བརྗོད་ཀྱི་ཡོད་པའི་སྐོར་ འདི་ག་ཝི་ཨོ་ཨེ་ཨ་རི་རྒྱང་སྲིད་རླུང་འཕྲིན་ཁང་གིས་གསར་འགོད་པ་ཨེ་ལི་ཛ་བྷེད་ཨ་རོགྲ་གྱིས་གྲོང་ཁྱེར་ཀའི་རོ་ནས་བཏང་བས་གནས་ཚུལ་དེ་ནམ་མཁའ་བསྟན་འཛིོན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG