ངོ་འཕྲད་བདེ་བའི་དྲ་འབྲེལ།

ལི་བི་ཡའི་མི་མང་གྱེན་ལོག་པའི་སྟོབས་ཤུགས་རྒྱ་སྐྱེད།


ལི་བི་ཡའི་མི་མང་གྱེན་ལོག་པའི་སྟོབས་ཤུགས་རྒྱ་སྐྱེད།

ལི་བི་ཡའི་གཞུང་གི་ཕྱོགས་གཏོགས་པ་དང་མོ་མར་གྷ་དྷ་ཧྥིའི་རྒྱབ་སྐྱོར་པ་ཚོས་རྒྱལ་ས་ཊི་རི་ཕོ་ལི་གྲོང་ཁྱེར་ནང་དུ་ལྕགས་འཁྲབ་འཁོར་ལོ་བཏང་བ་དང་། གྲོང་ཁྱེར་གྱི་སྲང་ལམ་ཁག་ལ་དམག་གི་མཚོན་ལྡན་རླངས་འཁོར་བཀྲམ་ནས་སྲུང་སྐྱོབ་དམ་པོ་བྱེད་ཡོད་ཀྱང་། ལི་བི་ཡའི་མི་མང་གྱེན་ལོག་པ་ཚོས་རྒྱལ་ཁབ་དེའི་ཤར་ཕྱོགས་སུ་ཡོད་པའི་བྷན་གྷ་ཟི་གྲོང་ཁྱེར་དང་། རྒྱལ་ཁབ་དེའི་ནུབ་ཕྱོགས་སུ་ཡོད་པའི་མི་སི་རཏ་དང་ཟོ་ར་གྲོང་རྡལ། ད་དུང་རྒྱལ་ས་ཊི་རི་ཕོ་ལི་གྲོང་ཁྱེར་ནས་སྤྱི་ལེ་༥༠་ཐམ་པའི་མཚམས་སུ་ཡོད་པའི་ཨ་ཟི་ཟ་ཝི་ཡ་གྲོང་རྡལ་བཅས་ལ་དབང་སྒྱུར་བྱས་ཏེ། འདས་པའི་ལོ་ངོ་༤༠་ཐམ་པར་མོ་མར་གྷ་དྷ་ཧྥིས་ལི་བི་ཡར་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་བཙུགས་ནས་དབང་སྒྱུར་བྱས་པའི་དུས་སྐབས་དེ་མཇུག་བསྒྲིལ་སྲིད་པའི་རྟགས་མཚན་མང་པོ་ཞིག་ཐོན་ཡོད་པ་རེད།

XS
SM
MD
LG