ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

མོཧ་མར་གྷ་རྡ་ཕི་ལས་གནས་ནས་ཕྱིར་བཤོལ་བྱ་རྒྱུ་གྱེན་ལོག་པས་རྒྱལ་སྤྱིའི་རོགས་རམ་ལ་གཞི་བཅོལ་བ།


ལི་བྷི་ཡའི་འགོ་ཁྲིད་མོཧ་མར་གྷ་རྡ་ཕི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུར་གྱེན་ལོག་པས་རྒྱལ་སྤྱིའི་རོགས་རམ་ལ་ཤུགས་ཆེ་བསྟེན་པ་དང་ ཕྷ་རན་སི་དང་དབྱིན་ཡུལ་ལྟ་བུའི་རྒྱལ་ཁབ་ཁ་ཤས་ཀྱིས་ཕྱོགས་འགལ་ཚོགསད་པར་རྒྱབ་སྐྱོར་བྱེད་རྒྱུ་སྔ་ས་ནས་འགོ་འཛུགས་བྱས་པ་དང་ ་ཀྲར་ཀི་ཡིས་་གྱེན་ལོག་པར་རྒྱབ་སྐྱོར་བྱེད་རྒྱུ་ཉེ་ཆར་རང་གསལ་བསྒྲགས་བྱས་པ་དང་གཞན་ཚོས་ད་ལྟ་ཐག་གཅོད་བྱས་མེད་པ་རེད རང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་དྲག་གསོ་བྱ་རྒྱུ་ཡིན་ལུགས་གྱེན་ལོག་པས་བརྗོད་ཀྱི་ཡོད་པ་སོགས་ལི་བྷི་ཡའི་གྲོང་ཁྱེར་བྷེན་ཁ་ཛི་ནང་ཉེ་ཆར་བསྐྱོད་པའི་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཨེ་ལི་ཛ་བྷེརྡ་ཨ་རོདྲ་གྱིས་སྤེལ་བས་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG