ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཆེས་མཐོའི་བློན་ཆེན་ཞིག་གིས་ཡུ་རོབ་གྲོས་ཚོགས་ལ་ཁ་བརྡུང་བཏང་པ།


ཉེ་སྔོན་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་དགེ་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་སར་གཏམ་བཤད་གནང་པ་དང་ དེ་བཞིན་ཉིན་ཤས་གོང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་གྲོས་ཚོགས་ལ་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་པར་བརྟེན་ཡུ་རོབ་གྲོས་ཚོགས་ཀྱི་རྟོག་ཞིབ་རུ་ཁག་ཞིག་བོད་ནང་ཆེད་གཏོང་གནང་དགོས་པའི་འབོད་སྐུལ་ཞུས་གནང་བ་ལྟར་ཡུ་རོབ་གྲོས་ཚོགས་ཀྱི་འགན་འཛིན་གྱིས་དེ་ལྟར་རྒྱ་ནག་ལ་གསུངས་པའི་སྐབས་ རྒྱ་ནག་གི་འཐབ་ཕྱོགས་གཅིག་འགྱུར་གྱི་བློན་ཆེན་གཞོན་པས་རྒྱ་ནག་རྒྱལ་ནང་གི་ནང་སྲིད་ལ་རྒྱལ་ཁབ་གཞན་གྱིས་ཐེ་བྱུས་བྱ་རྒྱུ་མེད་པའི་གཏམ་བཤད་ནན་བརྗོད་བྱས་ཡོད་པའི་སྐོར་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG