ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞི་ཅན་གྱི་མཚོ་གླིང་དུ་རྒྱ་ནག་གཞུང་གིས་མིས་བཟོས་གླིང་ཕྲན་གསར་བསྐྲུན་བྱེད་ཡོད་སའི་ཐག་ཉེར། ཨ་མེ་རི་ཀའི་དམག་གྲུ་ཞིག་སྐོར་གཡེང་བྱས་པར་རྒྱ་ནག་གཞུང་གིས་དྲག་འཐབ་གནམ་གྲུ་སོགས་བཏང་སྟེ་དམག་གྲུ་ཕྱིར་འཐེན་བྱེད་དགོས་ཚུལ་གྱི་ཉེན་བརྡ་གཏོང་གི་ཡོད་ཀྱང་། ཨ་མེ་རི་ཀའི་ངོས་ནས་དེ་ནི་རྒྱལ་སྤྱིའི་མཚོ་རྒྱུད་ཀྱི་ཐོག་གི་མངའ་ཁོངས་ཡིན་པ་རྗོད་བཞིན་ཡོད། གཟའ་འཁོར་སྔོན་མའི་གནས་ཚུལ་འདི་ད་དུང་མུ་མཐུད་ནས་མཇུག་སྐྱོང་བཞིན་པ་རེད།

XS
SM
MD
LG