ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འཛམ་གླིང་གི་དེབ་ཆེ་ཤོས་ཀྱི་འགྲེམས་སྟོན་བརྒྱུདྋགོང་ས་མཆོག་ལ་གུས་བཀུར་ཞུ་བ།


ཨ་མི་རི་ཀའི་མཱཡ་མི་གཙུག་ལག་སློབ་གཉེར་ཁང་དུ་འདི་ལོའི་ཟླ་བ་༡༠པའི་ནང་༧གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་རྒྱུ་ཡིན་ཞིང། དེར་ཆེ་བསྟོད་ཞུ་ཆེད་ད་སྐབས་གཙུག་ལག་སློབ་གཉེར་ཁང་གི་ཀིང་དཔེ་མཛོད་ཁང་དུ་ྋགོང་ས་མཆོག་གི་ཆིབས་བསྒྱུར་ལ་ཆེ་བསྟོད་ཞུ་བའི་འགྲེམས་སྟོན་ནང་ཆོས་ཀྱི་སྐོར་ཞེས་པ་འགོ་འཛུགས་གནང་ཡོད་པ་རེད། འགྲེམས་སྟོན་ནང་འབྲུག་གི་སྐོར་འཛམ་གླིང་གི་དཔེ་དེབ་ཆེ་ཤོས་དེ་དང་༧གོང་ས་མཆོག་གིས་ལྗགས་བརྩོམ་མཛད་པའི་དཔེ་དེབ་སོགས་མཇལ་རྒྱུ་ཡོད་པ་རེད།

XS
SM
MD
LG