ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འོས་བསྡུ་བ་ཚོའི་བསམ་བློའི་གྲ་སྒྲིག་དང་འགན་འཁུར།


འོས་བསྡུ་བ་ཚོའི་བསམ་བློའི་གྲ་སྒྲིག་དང་འགན་འཁུར།
འོས་བསྡུ་བ་ཚོའི་བསམ་བློའི་གྲ་སྒྲིག་དང་འགན་འཁུར།

བརྙན་འཕྲིན་གཟིགས་ན། (Real Player)

བརྙན་འཕྲིན་གཟིགས་ན། (Windows Media)

རེས་གཟའ་ལྷག་པའི་ཀུན་གླེང་བརྙན་འཕྲིན་གྱིས་ཞུགས་སྒར་དྷ་རམ་ས་ལ་ནས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཟུར་པ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས་དང༌། ནིའུ་ཡོག་ནས་བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་གཉིས་གདན་འདྲེན་ཞུས་ནས་རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་མི་ཚོས་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ཀྱི་སྔོན་གྲོའི་བསྡུ་གནང་རྒྱུ་ཡིན་པ་དང༌། ད་ལམ་གྱི་འོས་བསྡུ་དེར་སྔར་བས་དོ་སྣང་ཆེ་བ་བྱས་ཡོད་པ་མ་ཟད། འོས་བསྡུའི་དྲིལ་བསྒྲགས་སོགས་སྔར་དང་མི་འདྲ་བར་ཚ་ཚ་འུ་འུབ་ཀྱིས་བཀའ་བློན་ཁྲི་པའི་འོས་མིར་བཞེངས་ཀྱི་ཡིན་གསུངས་མཁན་ཡང་གཅིགམཇུག་་གཉིས་མཐུད་བྱུང་ནས་ད་ཆ་འོས་མི་མང་དྲག་པའྀ་བསམ་ཚུལ་འདོན་མཁན་ཡང་ཡོད། ཡང་སྤྱི་འཐུས་འོས་བསྡུའི་ཐོག་ལྟ་སྟངས་མི་འདྲ་བ་ཞིག་ཡོང་གི་ཡོད་པ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་བཙན་བྱོལ་བ་མང་ཚོགས་ཀྱིས་སྔོན་འགྲོའི་འོས་བསྡུ་གནང་རྒྱུར་བསམ་བློར་གྲ་སྒྲིག་དང་འགན་འཁུར་གང་ཡོད་པ་དང། ད་བར་གྱི་འོས་བསྡུའི་ལས་རིམ་ལ་་ཐོག་མར་རེ་བ་བྱས་པ་བཞིན་ཡོང་རྒྱུར་མཐུན་འགྱུར་བྱས་ཡོད་མེད་སོགས་ཀྱི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།



ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།།པདྨ་ཚལ་ལུགས་ཀྱི་བོད་ཡིག་གི་འབྲི་སྲོལ་གསར་པ།

XS
SM
MD
LG