ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡར་རོགས་སྐྱོར།


ཉེ་དུས་བྱང་ཀོ་རི་ཡས་བར་སྣང་ཁམས་སུ་མེ་ཤུགས་འཕུར་མདེལ་ཞིག་གཏོང་ཐབས་བྱས་ནས་འཁྲུག་རྐྱེན་བསླངས་རུང་། ལྷོ་ཀོ་ར་ཡས་བྱང་ཀོ་རི་ཡའི་མི་མང་ཉམ་ཐག་ལ་མི་ཆོས་དགེ་བའི་རོགས་རམ་ཁག་མུ་མཐུས་དུ་སྤྲོད་ཀྱི་ཡོད་ཅིང་། ལྷོ་བྱང་ཀོ་རི་ཡ་གཉིས་སྔར་བཞིན་དམག་འཁྲུག་གི་ཛ་དྲག་གནས་སྟངས་འོག་ཏུ་གནས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་སི་ཀྲིབ་ཧར་མན་གྱིས་ལྷོ་ཀོ་རིཡའི་རྒྱལ་ས་ནས་སྤེལ་བའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་གིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG