ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཀིརྟི་དགོན་པའི་གནས་སྟངས་རྒྱུན་ལྡན་རེད་ཟེར།


Kirti monastery

རྒྱ་ནག་ཕྱ་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ཕྷིང་གིས་བོད་ཀྱི་ས་ཁུལ་ཨ་མདོ་རྔ་པ་ཀིརྟི་དགོན་པའི་གནས་སྟངས་རྒྱུན་ལྡན་ཡིན་པ་མ་ཟད། དགེ་འདུན་པ་ཚོས་ནང་ཆོས་སློབ་གཉེར་རྒྱུན་ལྡན་བཞིན་བྱེད་ཀྱི་ཡོད་ཅེས་བཤད་འདུག་ཀྱང་། བཞུགས་སྒར་དྷ་རམ་ས་ལའི་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཚེ་རིང་ལགས་ཀྱིས་དེ་ནི་རྒྱལ་སྤྱིའི་གནོན་ཤུགས་ལས་གཡོལ་ཐབས་སུ་གཏམ་བཤད་བྱས་པ་ལས་དགོན་པའི་ནང་ད་ལྟའང་དམ་བསྒྲགས་དང་རྒྱལ་གཅེས་ཆོས་བྱེད་ཟེར་བའི་ལས་འགུལ་ནུས་ཤུགས་ཆེ་རུ་བཏང་འདུག་ཅེས་གསུངས་འདུག་པའི་སྐོར། རྣམ་རྒྱལ་ཤཱསྟྲིས་སྙན་སྒྲོན་ཞུ་གི་རེད །

XS
SM
MD
LG