ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་གཞུང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་རྒྱལ་ཁབ་དེའི་གསང་བའི་ལས་ཁང་། བདེ་འཇགས་ལས་ཁང་དང་དྲིལ་བསྒྲགས་ལས་ཁང་སོགས་ཀྱི་མཐོ་རིམ་འགོ་ཁྲིད་བཅུ་བཞི་ལ་མི་བསད་པ་དང་བཙོན་པར་མནར་གཅོད་བཏང་བ། བུད་མེད་དང་བྱིས་པ་སོགས་བཙན་དབང་གིས་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་དུ་བཅུག་པ་དང་། བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་དེ་དག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་ཚབས་ཅེན་བཏང་ཡོད་ཅེས་མིང་འདོན་བྱས་ཏེ། ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གིས་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་དེ་དག་གི་རྒྱུ་དངོས་རྣམས་འགོག་ཉར་བྱ་དགོས་པའི་ཁྲིམས་ཤིག་ལག་ལེན་བསྟར་རྒྱུ་དང་། ཨ་མི་རི་ཀ་བ་སུ་ཞིག་གིས་ཀྱང་བྱང་ཀོ་རི་ཡའི་འགོ་ཁྲིད་དེ་དག་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་གཉེར་མི་ཆོག་པ། བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་དེ་དག་ལ་ཚོང་འབྲེལ་ཡོད་པའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་ཁྲོམ་རེའི་ནང་དུ་ཚོང་ལས་གཉེར་མི་ཆོག་པ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོར་བཀོད་པའི་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་དེ་དག་གིས་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་བཙུགས་པའམ། ཡང་ན་ཁོ་ཚོས་རྒྱལ་སྤྱིའི་དངུལ་ཁང་ཁག་བརྒྱུད་ནས་ཨ་མི་རི་ཀའི་ཁྲོམ་རེའི་ནང་དུ་ཚོང་ལས་གཉེར་གྱི་ཡོད་པའི་མ་རྩ་རྣམས་འགོག་ཉར་བྱ་ཆོག་ཅེས་ཐག་གཅོད་བྱས་འདུག

XS
SM
MD
LG