ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁི་མུན་གཉིས་ཨི་སི་རལ་ལ་ཕེབས་ཡོད་ཅིང་། ཁོང་ཚོས་ཨི་སི་རལ་གྱི་སྲིད་བློན་ཎེ་ཐན་ཧ་ཡུ་དང་པ་ལི་སི་ཐན་གྱི་ཨ་བྷ་སི། ད་དུང་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་ཏེ། བདུན་ཕྲག་སྔོན་མ་ནས་ཨི་སི་རལ་གྱི་དམག་གིས་གྷ་ཟ་ཐང་གཤོང་ལ་དཔུང་འཇུག་བྱེད་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུ། ད་བར་ཨི་སུ་རལ་གྱི་མི་༢༩་དང་པ་ལི་སི་ཐན་བ་༥༩༠་ལྷག་ལ་སྲོག་སྐྱོན་བྱུང་བའི་འཐབ་འཁྲུག་འདི་འགོག་ཐབས་བྱེད་ཀྱི་ཡོད་པ་དང་། ཐོག་མར་ཨི་སི་རལ་གྱི་གཞུང་འབྲེལ་མི་སྣ་ཚོས་ཨ་མི་རི་ཀ་དང་ཨི་ཇེབ་ཀྱི་བར་འདུམ་བྱས་པའི་གྲོས་གཞི་ཞིག་ལ་མོས་མཐུན་བྱས་ཀྱང་། ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་ཨི་ཇེབ་ཀྱི་བར་འདུམ་གྲོས་གཞི་དེར་པ་ལི་སི་ཐན་མི་མང་གི་གཞི་རྩའི་དཀའ་ངལ་སེལ་དགོས་ཞེས་འཁོད་མེད་པ་དང་། པ་ལི་སི་ཐན་མི་མང་གི་གཞི་རྩའི་དཀའ་ངལ་སེལ་མི་ཐུབ་པའི་མེ་འཕེན་མཚམས་འཇོག་གི་གྲོས་གཞི་ཞིག་ལ་ང་ཚོས་ནམ་ཡང་མོས་མཐུན་བྱེད་རྒྱུ་མིན་ཞེས་མོས་མཐུན་བྱས་མེད་པ་རེད།།

XS
SM
MD
LG