ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིས་ཨ་སྒོར་འཐེར་འབུམ་མང་པོའི་མཚོ་འོག་དམག་གྲུ་བཟོ་རྒྱུ།


༄༅།། ཨ་མི་རི་ཀའི་མཚོ་དམག་གིས་དམག་གྲུ་བཟོ་ཚོང་ཁང་ཞིག་ལ་ ཨ་སྒོར་འཐེར་འབུམ་ཉི་ཤུ་རྩ་གཉིས་ལྷག་གི་མཚོ་འོག་དམག་གྲུ་གསར་པ་དགུ་བཟོ་དགོས་པའི་གན་རྒྱ་སྤྲད་འདུག འདི་ནི་ད་སྔ་ཨ་རིའི་མཚོ་དམག་གིས་སྤྲད་མྱོང་མེད་པའི་གན་རྒྱ་རིན་གོང་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཅིང་། དེང་སྐབས་རྒྱ་ནག་གིས་མཚོ་འོག་དམག་གྲུ་བཟོ་སྐྲུན་བྱ་རྒྱུ་ཇེ་མང་དུ་བཏང་སྟེ་མཚོ་དམག་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་བཞིན་ཡོད་པས་ཨ་མི་རི་ཀས་རྒྱ་ནག་གི་སྟོབས་ཤུགས་ལ་དམིགས་ནས་མཚོ་འོག་དམག་གྲུ་གསར་བཟོ་བྱེད་དུ་འཇུག་གི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG