ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སྐྱེས་ལྡན་སོ་ནམ་སྲིད་བྱུས་མུ་མཐུད་རྩ་འཛིན་གནང་རྒྱུ་ཡིན་པ།


རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀུ་པི་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་སོ་ནམ་ཞིང་ལས་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་འདུག་པ་དང་། ཚོགས་ཆེན་དེར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་བཀའ་ཤག་སྔ་མས་གཏན་ལ་ཕབ་པའི་སྐྱེས་ལྡན་སོ་ནམ་སྲིད་བྱུས་ལ་འགྱུར་བ་མེད་པར་དངོས་ཡོད་དཀའ་ངལ་རྣམས་སེལ་ཐབས་ལ་འབད་བརྩོན་གནང་གི་ཡིན་ཞེས་གསུངས་འདུག་པ་སོགས་ཀྱི་སྐོར་ཚོགས་འདུ་དེར་ཕེབས་པའི་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་རྣམ་རྒྱལ་ཤཱསྟྲིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG