ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བྷེལ་ཀོབ་བོད་མིའི་གཞིས་ཆགས་ལ་འཐུང་ཆུའི་རོགས་དངུལ།


རྒྱ་གར་ལྷོ་ཕྱོགས་ཀྱི་འབེང་ལོར་གྲོང་ཁྱེར་དུ་ཡོད་པའི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་བྷེལ་ཀོབ་བོད་མིའི་གཞིས་ཆགས་གསར་རྙིང་ཐུན་མོང་གིས་རེ་སྐུལ་ཞུས་དོན་བཞིན་ཀར་ན་ཀྲ་ཀ་མངའ་སྡེའི་གཞུང་གིས་བོད་མིའི་གཞིས་ཆགས་གསར་རྙིང་གཉིས་ལ་མ་འོངས་པར་འཐུང་ཆུའི་དཀའ་ངལ་སེལ་པར་གཙང་ཆུ་འདྲེན་པའི་ལྕགས་སྦུག་འཐེན་ཆོག་རྒྱུའི་ཆོག་མཆན་བཀོད་པའི་མ་ཟད། ཧིན་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཙམ་ཞིག་རོགས་རམ་གནང་རྒྱུའི་ཞལ་བཞེས་ཀྱང་ཐོབ་ཡོད་པ་སོགས་ཀྱི་སྐོར། ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་སུ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG