ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙན་བྱོལ་སློབ་གྲྭ་ཆེ་ཁག་གི་འགན་འཛིན་ལྷན་ཚོགས་འཚོགས་པ།


དཔལ་ལྡན་བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཆེ་ཁག་བཞིའི་སྤྱི་ཁྱབ་འགན་འཛིན་དང་ལས་རོགས་རྣམ་པ། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་འགན་འཛིན་ཁག་ཅིག་བཅས་ལྷན་བཞུགས་ཡོད་པའི་ཚོགས་འདུ་ཞིག་ད་རིང་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་མོ་བཞུགས་སྒར་དུ་བསྐོང་འཚོགས་གནང་སྟེ་བཙན་བྱོལ་བོད་མིའི་སློབ་གྲ་ཁག་གི་ཤེས་ཡོན་སློབ་འཁྲིད་ཀྱི་ཚད་གཞི་ཡར་རྒྱས་གཏོང་ཐབས་སོགས་ཀྱི་ཐད་བཀའ་བསྡུར་གནང་ཡོད་པའི་སྐོར་གནས་ཚུལ་ཐོན་པ་ཞིག་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG