ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བཀའ་ཁྲི་མཆོག་ཇར་མན་གྱི་ཕེབས་དོན་ཁག་གྲུབ་ནས་ནོའོ་ཝེལ་ནང་ཕེབས་པ།


བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཡོ་རོབ་རྒྱལ་ཁབ་ཁག་ནང་དུ་ཕེབས་བཞིན་ཡོད་པ་ལྟར་ཚེས་༢༢དང་༢༣ཉིན་ཇར་མན་གྲོང་ཁྱེར་བྷར་ལིན་དུ་གྲོས་ཚོགས་འཐུས་མི་ ༡༥ ཙམ་དང་དེ་བཞིན་གྱི་གནས་ཡོད་དབུ་འཁྲིད་ཚོ་དང་མཇལ་འཕྲད་གནང་སྟེ་ད་ལྟ་བོད་ནང་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ཀྱི་འོག་བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཡོད་པ་ངོ་སྤྲོད་གནང་བ་དང་ཇར་མན་ཕྱི་སྲིད་ལྷན་ཁང་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་ཇར་མན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བསྒྲགས་གཏམ་སྤེལ་ཏེ་བོད་མི་ཚོར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་དེ་དག་གཞིས་ལུས་བོད་མི་ཚོས་ཤེས་རྟོགས་ཡོད་པ་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུས་པ་སོགས་ཀྱི་མཛད་འཆར་གྲུབ་པའི་རྗེས་ཚེས་༢༤ཉིན་གཅིག་རིང་ནོའུ་ཝེལ་གྱི་རྒྱལ་ས་ཨོ་སི་ལོའི་ནང་མཛད་འཆར་ཁག་བསྐྱངས་ཡོད་པ་སོགས་ཀྱི་སྐོར་པ་སངས་དབྱངས་སྐྱིད་ལགས་ནས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG