ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞི་ཅིང་པེན་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དུ་བསྐོ་འཇོག་བྱུང་བའི་རྗེས་སུ། གཞུང་འབྲེལ་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་རྒྱུའི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ་དམར་ཤོག་གཞུང་འབྲེལ་དཔོན་རིགས་ཁག་ཅིག་གོ་གནས་ནས་ཕབ་སྟེ་ཁྲིམས་བཤེར་བྱས་ཡོད་ལ། ད་ལྟ་རྒྱ་ནག་གི་ནང་དུ་ཁྲིམས་ལུགས་ལག་སྟར་བྱེད་མཁན་ཁྲིམས་ཁང་གི་ཁྲིམས་དཔོན་ཚོས་དབང་ཆ་བེད་སྤྱོད་ལོག་པ་བཏང་སྟེ་ཁྲིམས་ལུགས་རྡོག་རོལ་གྱིས་ལྐོག་ངན་ཟ་ལེན་བྱེད་བཞིན་པའི་གྱོད་གཞི་ཁག་ཅིག་ལ་རྟོག་ཞིབ་དང་ཁྲིམས་དཔོན་ཚོར་འདྲི་རྩད་བྱེད་བཞིན་པའི་སྐོར་གྱི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་བྱེད་ཡོད།

XS
SM
MD
LG