ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ནང་ཁྲིམས་དཔོན་གཅིག་ལ་ཞུ་གཏུགས་ཕམ་ཉེས་བྱུང་ཡོད་པ།


རྒྱ་ནག་གི་ཧུའུ་པལ་ཞིང་ཆེན་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་གི་ཁྲིམས་དཔོན་ཕྷང་པིང་ཞུ་བ་ཞིག་གིས་རང་གི་བཟའ་ཟླའི་ལས་ཀའི་ཐོབ་ཐང་ཆེད་དུ་ཁྲིམས་ས་གོང་མར་ཞུ་གཏུག་དང་ཞུ་འབོད་བྱས་པར་དོ་སྣང་ཡོང་ཆེད་དུ་ཁྲིམས་དཔོན་གྱི་སྒྲིག་ཆས་ཆ་ཚང་གྱོན་ནས་ཁྲིམས་ཁང་མདུན་དུ་བསྡད་པ་སོགས་བྱས་པའི་རྗེས་སུ་གནད་དོན་ཐག་གཅོད་ཡོང་རྒྱུའི་ཚབ་ཏུ་རང་གི་ལས་ཀ་ཤོར་ཡོད་པ་རེད་
གནས་ཚུལ་དེ་ལ་རྒྱ་ནག་གི་སྤྱི་ཚོགས་ཀྱི་ཐོག་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་དབྱེ་ཞིབ་པ་ཁག་ཅིག་གིས་ དེ་ནི་རྒྱ་ནག་གི་ཁྲིམས་ཀྱི་ཕམ་ཉེས་ཞིག་ལ་ངོས་འཛིན་བྱེད་པ་དང་རྒྱ་ནག་ལ་ཁྲིམས་ལུགས་ཡོད་ཀྱང་ ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་མེད་པ་དང་ ཁྲིམས་ཀྱི་ཡིག་ཆ་ཡོད་ཀྱང་ཤོག་བུ་རྐྱང་པ་ཞིག་ཡིན་པས་ ཁྲིམས་དཔོན་ཞིག་ཀྱང་ཁྲིམས་ལུགས་ལྟར་ཞུ་གཏུག་གི་ལམ་དུ་འགྲོ་ཐུབ་ཀྱི་མེད་པས་ མི་མང་དཀྱུས་མ་ཚོ་ནི་ལྟ་ཅི་སྨོས་ཞེས་གསུངས་ཡོད་པ་རེད།

XS
SM
MD
LG