ངོ་འཕྲད་བདེ་བའི་དྲ་འབྲེལ།

ཇཱོ་བྷ་ཌན་དང་རྒྱལ་སྤྱིའི་ཚོང་ལས་སྒྲིག་ཁྲིམས།


༄༅།། ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་ཁ་གཏད་གཅོག་པའི་ཆེད་དུ་ཨ་རིའི་མཐུན་གྲོགས་དམངས་གཙོའི་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱལ་སྤྱིའི་ཚོང་ལས་ཀྱི་སྒྲིག་གཞི་ཁག་བསྐྱར་བཅོས་བྱ་འཆར་ཡོད་ཅེས་རེས་གཟའ་ཟླ་བའི་ཉིན་གསུངས་འདུག འོན་ཀྱང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གིས་འགོ་ཁྲིད་ནས་ཨེ་ཤི་ཡའི་ཚོང་འབྲེལ་མཐུན་ཚོགས་ཞེས་རྒྱལ་ཁབ་༡༤་ཡི་སྒྲིག་འཛུགས་ཤིག་རྩ་འཛུགས་བྱས་ཡོད་པ་དེའི་ཁོངས་སུ་ཨ་མི་རི་ཀ་ཚུད་མེད་པ་དང་ཨ་རི་སྒྲིག་འཛུགས་དེར་མཉམ་ཞུགས་བྱ་རྒྱུ་མིན་ཞེས་གསུངས་ཡོད་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་རྣམས་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG