ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༣/༣༠

མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོ།


མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོ།
མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོ།

ཕྱི་ཟླ་༧་ཚེས་༡༥་ནས་ཚེས་༢༥་བར་དུ་ལི་ཐང་དགོན་ཆེན་ལ་སྐབས་བཞི་བའི་མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོ་ཚོགས་ཡོད་པ་དང་། ད་ལོ་ལི་ཐང་དགོན་ཆེན་ལ་ཚོགས་པའི་འཇང་དགུན་ཆོས་ཆེན་མོར་མདོ་ཁམས་ཀྱི་ས་གནས་ཁག་གི་དགོན་སྡེ་༥༠་ཡས་མས་ཤིག་གི་གྲྭ་བ་༥༤༠༠་ཙམ་འདུ་འཛོམས་ཐུབ་ཡོད་པ་མ་ཟད། མཚན་ཕུད་ཀྱི་དགོང་མོ་དེར་གྲྭ་དམངས་ཀྱིས་རྒྱལ་བ་པཎ་ཆེན་གཉིས་ཀྱི་སྐུ་པར་གདན་འདྲེན་ཞུས་ནས་སེར་སྐྱ་མི་མང་གིས་དགའ་དད་སྤྲོ་གསུམ་གྱིས་སྒོ་ནས་མཇལ་དར་ཕུལ་པ་སོགས་ཀྱི་གནས་ཚུལ་བྱུང་རུང་། ལི་ཐང་རྫོང་གི་ལས་སྣེ་ཚོས་མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོར་རྔ་བ་ཀིརྟི་དགོན་པའི་གྲྭ་དམངས་གདན་འདྲེན་ཞུ་མི་ཆོག་པ་དང་། ཆོས་ལུགས་ཀྱི་འདུ་འཛོམས་དེར་གྲྭ་བ་སྟོང་ཕྲག་གཅིག་ལས་ལྷག་འདུ་འཛོམས་བྱེད་མི་ཆོག་ཅེས་བཙན་བཀའ་བཏང་ཡོད་པའི་སྐོར། རྒྱ་གར་དྷ་རམ་ས་ལའི་དགེ་ལུགས་སྤྱི་འཐུས་ལི་ཐང་པ་ཨ་ཀྲུག་ཚེ་བརྟན་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG