ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གི་གྲོས་ཚོགས་ཀྱིས་སྲིད་བློན་གསར་པ་འདེམས་བསྐོ་བྱས་པ།


ཉི་ཧོང་གི་གྲོས་ཚོགས་ཀྱིས་སྲིད་བློན་གསར་པ་འདེམས་བསྐོ་བྱས་པ།

གཟའ་མིག་དམར་ཉིན་ཉི་ཧོང་གི་གྲོས་ཚོགས་ཀྱིས་སྲིད་བློན་གསར་པ་ཞིག་འདེམས་བསྐོ་བྱས་ཡོད་པ་རེད། ཉི་ཧོང་གི་གཞུང་འཛིན་དམངས་གཙོ་ཚོགས་པས་སྐུ་ཞབས་ནོ་ཌ་ནི་འདས་པའི་ལོ་ལྔའི་ནང་གི་ཉི་ཧོང་གི་སྲིད་བློན་ཐེངས་དྲུག་པར་བསྐོ་བཞག་བྱས་པ་དང་། ཉིན་བཞི་ཡི་སྔོན་སྲིད་བློན་ཀན་གྱིས་ལས་གནས་ནས་དགོངས་པ་ཞུས་ཡོད་པ་ནི་ཁོང་གིས་འདི་ལོའི་ས་ཡོམ་དང་རྡུལ་ཕྲན་གྱིས་གློག་ཁང་ལ་གོད་ཆགས་བྱུང་བའི་སྐབས་གདོང་ལེན་ནན་པོ་བྱས་ཐུབ་མེད་པ་མི་དམངས་ཀྱིས་བསམ་འཆར་བཏོན་པའི་རྐྱེན་གྱིས་ཡིན་པའི་སྐོར་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG