ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་རྒྱ་ནག་རྒྱ་མཚོ་དམག་སར་སྒྱུར་གྱི་ཡོད་པར་ཉི་ཧོང་གིས་སྐྱོན་བརྗོད།


གཟའ་འཁོར་སྔོན་མའི་གཟའ་མཇུག་དེར་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁ་ཏར་གྱི་རྒྱལ་ས་དྷུ་བྷེ་གྲོང་ཁྱེར་དུ་ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ཧ་ཡེ་ཐེ་ལང་གིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་དམག་ས་ཞིག་ཏུ་སྒྱུར་གྱི་ཡོད་པ་བློ་འཚབ་བྱ་དགོས་པའི་གནད་དོན་ཞིག་རེད་ཅེས་གསལ་སྟོན་བྱས་པར་མ་ཟད། གལ་སྲིད་བཙན་འཛུལ་བྱུང་བ་ཡིན་ན་དེ་ལ་བློས་གཏོང་བྱ་དགོས་ཐུག་གི་རེད་ཅེས་བཤད་ཡོད་ཅིང་། འདི་ནི་ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་རིང་མིན་རྒྱ་ནག་འཚམས་འདྲིར་ཕེབས་རྒྱུའི་སྔོན་དེར་གསུངས་པ་ཞིག་ཡིན་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཧྲེན་ཧོས་་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG