ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཉི་ཧོང་གི་འཐུང་ཆུ་ལ་རྡུལ་ཕྲན་འཕྲོ་རླབས་ཁྱབ་འདྲེས།


ཉི་ཧོང་གི་འཐུང་ཆུ་ལ་རྡུལ་ཕྲན་འཕྲོ་རླབས་ཁྱབ་འདྲེས།
ཉི་ཧོང་གི་འཐུང་ཆུ་ལ་རྡུལ་ཕྲན་འཕྲོ་རླབས་ཁྱབ་འདྲེས།

ཉི་ཧོང་ལ་ས་འགུལ་རྒྱུགས་པ་དང་མཚོ་བསྐྱོམས་ནས་རྡུལ་ཕྲན་གློག་ཁང་འགའ་ཞིག་བཀད་ཐོར་སོང་བ་དང་། ད་ཐེངས་ཀྱི་ས་ཡོམ་དང་རྒྱ་མཚོའི་རྦ་རླབས་ཁྲོད་དུ་མི་མང་སྟོང་ཕྲག་འགའ་ཞིག་ལ་འཆི་སྐྱོན་དང་མི་མང་ཁྲི་ཚོ་མང་པོར་གནོད་འཚེ་ཕོག་སྟེ། ཧྥུ་ཀུ་ཤི་མ་རྡུལ་ཕྲན་གློག་ཁང་ཉེ་འཁོར་གྱི་མི་དང་སེམས་ཅན། ས་དང་ཆུ། རླུང་བཅས་ལ་རྡུལ་ཕྲན་གྱི་འཕྲོ་རླབས་ཁྱབ་ཡོད་པ་དང་། ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ་སོགས་ཀྱིས་ཀྱང་རང་གི་ས་ཐོག་ལ་ཉི་ཧོང་གི་རྡུལ་ཕྲན་གློག་ཁང་དེ་དག་གི་འཕྲོ་རླབས་ཁྱབ་གདལ་ཡོང་སྲིད་པའི་བློ་ཚབས་བྱེད་ཀྱི་ཡོད་རུང་། ཕྱི་ཟླ་༣་ཚེས་༢༣་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་གྲོང་ཁྱེར་གྱི་འཐུང་ཆུ་དྭངས་གཙང་ལས་ཁང་གི་འགན་འཛིན་ཡོ་ཤི་དྷ་ཡིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཀྲོག་ཁིའོ་གྲོང་ཁྱེར་དང་རྒྱལ་སའི་ཕྱི་ལོགས་སུ་ཡོད་པའི་གྲོང་རྡལ་ཁག་ལྔའི་མི་མང་གི་འཐུང་ཆུའི་ནང་དུ་རྡུལ་ཕྲན་གྱི་འཕྲོ་རླབས་འདྲེས་ཡོད་པ་དང་། ཕྲུ་གུ་མ་འབྱར་དེ་ཚོར་རྡུལ་ཕྲན་གྱི་འཕྲོ་རླབས་འདྲེས་པའི་འཐུང་ཆུ་དེ་ཉེན་ཚབས་ཆེན་པོ་ཡིན་རུང་། མི་རྒན་པའི་བདེ་ཐང་ལ་རྡུལ་ཕྲན་གྱི་འཕྲོ་རླབས་ཁྱབ་པའི་འཐུང་ཆུ་དེ་གནོད་སྐྱོན་མེད་པར་སྙམ་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG