ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་ཧྥུ་ཀུ་ཤི་མ་རྡུལ་ཕྲན་གློག་གི་ལས་གྲྭ་དང་པོ་དེ་ཚ་དྲོད་ཆ་དྲགས་ཏེ་ནང་གི་གློག་འདོན་ནུས་པའི་འོད་རླབས་ཕྱི་ལ་ཁྱབ་ནས་མཐའ་འཁོར་གྱི་མི་མང་གི་བདེ་ཐང་ལ་གནོད་འཚེ་ཕོག་གི་ཡོད་པ་ཟླ་བ་མང་པོའི་རིང་ལ་བློ་ཚབས་སྐྱེ་དགོས་བྱུང་ཞིང་། ད་ལྟ་ཉི་ཧོང་གཞུང་གིས་རྡུལ་ཕྲན་གློག་ཁང་དེའི་ཚ་དྲོད་མར་ཆག་སྟེ་ཉེན་ཁ་སེལ་ཐུབ་ཡོད་ཅེས་བརྗོད་ཡོད་ཀྱང་། ད་དུང་ཡང་མི་མང་དང་ཉམས་ཞིབ་པ་ཚོས་གློག་འདོན་ནུས་པའི་རྟེན་གཞི་ཁང་གི་ཉེན་ཁ་ཡོངས་སུ་མེད་པ་གཏོང་བར་ལས་ཀ་འདྲ་མིན་ལྷག་ཡོད་པ་སོགས་གཞུང་གི་ངོས་ནས་ཕྱི་གསལ་ནང་གསལ་བྱེད་ཀྱིན་མེད་པའི་དོགས་འཆར་སླེབས་ཏེ་མི་མང་གིས་ད་དུང་ཡང་བློ་ཡོངས་སུ་བདེ་བོ་བྱ་ཐུབ་ཀྱིན་མེད་པ་སོགས་ཀྱི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སི་ཊིབ་ཧར་མེན་གྱིས་བཏང་ཡོང་བའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG