ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕུ་ཀུ་ཤི་མ་རྡུལ་ཕྲན་གློག་ཁང་ཟླ་བ་དྲུག་དང་དགུའི་ནང་སྟངས་འཛིན་ཐུབ་རྒྱུའི་འཆར་གཞི།


ཕུ་ཀུ་ཤི་མ་རྡུལ་ཕྲན་གློག་ཁང་ཟླ་བ་དྲུག་དང་དགུའི་ནང་སྟངས་འཛིན་ཐུབ་རྒྱུའི་འཆར་གཞི།

ཕུ་ཀུ་ཤི་མ་རྡུལ་ཕྲན་ནུས་ཤུགས་ལས་གྲ་དེའི་ཐོག་སྟངས་འཛིན་ཆ་ཚང་ཐུབ་རྒྱུར་ ཟླ་བ་དྲུག་ནས་དགུ་བར་འགོར་སྲིད་པའི་སྐོར་ཉི་ཧོང་གི་ཕུ་ཀུ་ཤི་མ་རྡའི་ཅི་རྡུལ་ཕྲན་ནུས་ཤུགས་གློག་ཁང་གི་འགན་འཛིན་གྱིས་འགྲེལ་བརྗོད་གནང་གི་ཡོད་པ་དང་ རེ་གཟའ་ཉི་མའི་ཉིན་འགྲེམས་སྤེལ་བྱས་པའི་རིམ་པ་གཉིས་ཅན་གྱི་ལམ་གྱི་ས་ཁྲ་དེའི་ནང་་ ད་ལྟའང་ལས་གཞི་དང་ཉེན་ཁ་མང་པོ་ཞིག་ལྷག་བསྡད་ཡོད་པཐེར་འདོན་བྱས་པ་དང་ འོན་ཀྱང་ཉེན་བྱོལ་དུ་ཕྱིན་པའི་མི་སྟོང་ཕྲག་མང་པོ་རང་ཁྱིམ་དུ་ག་དུས་ཕྱིར་ལོག་བྱ་མིན་གྱི་དུས་ཚོད་ཚོད་དཔག་གང་ཡང་བྱས་མེད་པ་སོགས་ རྒྱལ་ས་ཀྲོག་ཀི་ཡོ་ནས་གསར་འགོད་པ་མར་ཌིནཝི་ལི་ཡམ་གྱི་བཏང་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིོན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་
གི་རེད།

XS
SM
MD
LG