ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གི་ས་ཡོམ་རྗེས་སུ་ཧྥུ་ཀུ་ཤི་མ་རྡུལ་ཕྲན་གློག་ཁང་གི་མ་འཁོར་འགའ་ཞིག་བཀད་ཐོར་སོང་བ་དང་། འདས་པའི་གཟའ་འཁོར་གཅིག་ལྷག་གི་རིང་དེར་ཉི་ཧོང་གི་རྡུལ་ཕྲན་གློག་ཁང་དེ་དག་གི་འཕྲོ་རླབས་ཕྱི་ལ་ཁྱབ་ནས་མི་མང་གི་བདེ་ཐང་ལ་ཉེན་ཀ་ཆེན་པོ་འབྱུང་གི་ཡོད་རུང་། ད་དུང་ཡང་རྡུལ་ཕྲན་མ་འཁོར་དེ་དག་གི་དྲོད་ཚད་གཅོག་ཐུབ་ཀྱི་མེད་པ་དང་། འགྲོ་བ་མིའི་བདེ་ཐང་ལ་གནོད་ཚབས་ཆེ་བའི་རྡུལ་ཕྲན་གྱི་འཕྲོ་རླབས་དེ་རྣམས་ཕྱི་ལ་ཁྱབ་རྒྱུ་འགོག་ཐུབ་ཀྱི་ཡོད་པ་སྟེ། དེ་རིང་གཟའ་ཟླ་བའི་ཉིན་ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོས་བཤད་པ་ལྟར་ན། ཧྥ་ཀུ་ཤི་མ་རྡུལ་ཕྲན་གློག་གི་རྡུལ་ཕྲན་མ་འཁོར་དེ་དག་གི་ནང་ལོགས་སུ་ཡོད་པའི་ལྕགས་སྦུགས་ཁག་ཅིག་ཚ་དྲོད་ཆེ་དྲགས་ནས་ཞུ་ཚར་ཡོད་སྲིད་པ་དང་། ཉི་མ་འགའ་ཞིག་ལ་རྡུལ་ཕྲན་མ་འཁོར་དེ་ཚོར་ཆུ་གཏོར་ནས་དྲོད་ཚད་གཅོག་ཐབས་བྱེད་དགོས་པ་མ་ཟད། ད་སྔ་ཧྥུ་ཀུ་ཤི་མ་རྡུལ་ཕྲན་གློག་ཁང་གི་མ་འཁོར་དེ་དག་གི་ནང་ལོགས་སུ་ཡོད་པའི་ལྕགས་སྦུགས་དང་ལྕགས་སྒྲོམ། ལྕགས་སྒྲོམ་གྱི་ཕྱི་འཐུམ་ཨར་འདམ་གྱི་རྩིག་གྱང་སོགས་ལ་གས་སྐྱོན་བྱུང་ཡོད་མེད་རྩད་གཅོད་ཐུབ་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG