ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གི་ས་འགུལ་རྗེས་སུ་མཚོ་བསྐྱོམས་པ་དང་རྦ་རླབས་འཕྱུར་ཏེ། འདས་པའི་ཉིན་ཤས་རིང་ཉི་ཧོང་གི་རྡུལ་ཕྲན་གློག་ཁང་ཁག་ཅིག་བཀད་ཐོར་སོང་ནས་རྡུལ་ཕྲན་འཕྲོ་རླབས་ཕྱི་ལ་ཤོར་ནས་ས་གནས་དེའི་མི་མང་གི་བདེ་ཐང་ལ་གནོད་འཚེ་འཕོག་རྒྱུའི་ཉེན་ཀ་ཆེན་པོ་ཡོད་པ་དང་། དེར་བརྟེན་ཉི་ཧོང་གི་དམག་གི་ཐད་འཕུར་གནམ་གྲུས་རྡུལ་ཕྲན་གློག་ཁང་དེ་དག་གི་ཐོག་ཏུ་མཁའ་ཐོག་ནས་ཆུ་གཏོར་ཏེ་རྡུལ་ཕྲན་མ་འཁོར་གྱི་དྲོད་ཚད་གཅོག་ཐབས་བྱེད་ཀྱི་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སི་ཊིབ་ཧར་མེན་གྱིས་སྤེལ་པའི་གནས་ཚུལ་དེ་བློ་བཟང་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG