ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧཱི་རཱོ་ཤི་མ་ལ་ཨ་རིས་རྡུལ་ཕྲན་གྱི་འབར་མདེལ་གྱིས་རྒོལ་བརྡུང་བཏང་བར་དྲན་གསོ།


དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་མི་རི་ཀས་ཉི་ཧོང་གི་གྲོང་ཁྱེར་ཧཱི་རོ་ཤི་མ་ལ། རྡུལ་ཕྲན་གྱི་འབར་མདེལ་གྱིས་རྒོལ་བརྡུང་བཏང་སྟེ་ད་ཆ་མི་ལོ་ཧྲིལ་པོ་དྲུག་ཅུ་རེ་དགུ་འཁོར་བར། རེས་གཟའ་ལྷག་པའི་ཉིན། ཉི་ཧོང་བ་རྣམས་ཀྱིས་དྲན་གསོ་བྱས་པ་དང་འབྲེལ། ཨ་མི་རི་ཀའི་སྲིད་འཛིན་གྱིས་དབུས་པའི་ད་ལྟ་བསྟོར་འཚབ་ཆེ་བའི་མཚོན་ཆ་དེ་ཡོད་མཁན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས། རྡུལ་ཕྲན་གྱི་མཚོན་ཆ་བེད་སྤྱོད་བྱས་པའི་མཇུག་འབྲས་རྣམས། སོ་སོ་རང་གིས་དངོས་སུ་མཐོང་ཐུབ་པའི་ཆེད་དུ་གྲོང་ཁྱེར་དེར་ཕེབས་དགོས་པའི་འབོད་བསྐུལ་ཡང་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG